པར་སྐྲུན།

BIPS Final Report

གློག་ཐོག་གཞུང་སྐྱོང་སྲིད་བྱུས།

བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ལམ་སྟོན་སབ་ཁྲ།

འབྲུག་རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་སྲིད་བྱུས།

འབྲུག་གཞུང་གིས་རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་ཚུ་ རྒྱལ་ཁབ་ཀྱི་མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ནང་ ལྷན་ཐབས་འབད་མི་གཙོ་ཅན་ཅིག་སྦེ་ ངོས་འཛིན་འབདཝ་ཨིན། གལ་ཅན་དག་པ་ཅིག་ཞུ་བ་ཅིན་ རྒྱང་འཕྲིན་ཚུ་ལུ་ འགྲན་བསྡུར་རྒྱ་སྐྱེད་གཏང་ནི་དང་། ཐོན་སྐྱེད་དང་དཔལ་འབྱོར་ཡར་དྲག་གཏང་ནི། དེ་ལས་ རྒྱ་ཆེར་མི་སྡེ་གྲས་བཙུགས་དར་ཁྱབ་གཏང་ནི་ཚུ་ནང་ གཙོ་ཆེ་བའི་ལཱ་འགན་ཚུ་ཡོདཔ་ཨིན། རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་ཚུ་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ལཱ་འབད་བཏུབ་བཟོ་ནི་དང་། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ ཤེས་ཡོན་ཅན་གྱི་མི་སྡེ་བཟོ་ནི་ཚུ་གི་ གཞི་རྟེན་ཅིག་ཨིན།  
 

འབྲུག་རྒྱལ་ཁབ་ཀྱིས་ འདས་པའི་ལོ་ངོ་བཅུ་ཕྲག་ཅིག་གི་ནང་འཁོད་ལུ་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་(ICT)ནང་ལུ་ ཡིད་ཆེ་སི་སི་གི་གྲུབ་འབྲས་ལེ་ཤ་ར་མཐོང་ཡོད། གཡོག་སྡེ་གོང་འཕེལ་གཏང་ནི་ནང་ ལམ་སྟོན་འབད་ཡོད་པའི་ འབྲུག་བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་སྲིད་བྱུས་དང་ཐབས་ལམ་(BIPS)སྤྱི་ལོ་ ༢༠༠༩ ཅན་མ་དེ་གིས་ ནཱ་ལས་ཕར་ མདུན་ལམ་བཟང་འགྱོ་ནི་དང་ ལྷག་པར་དུ་གཡོག་སྡེའི་གནས་སྟངས་ཀྱི་འགྱུར་བ་མགྱོགས་དྲགས་སྦེ་གཏང་མི་ རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་གྱི་ས་ཁོངས་ཚུ་ནང་ མ་ལང་པར་ཡོདཔ་སྦེ་ ཧ་གོ་ཡོད། དེ་འབདཝ་ལས་བརྟེན་ སྤྱི་ལོ་ ༢༠༡༤ གི་སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༩ ལུ་ལྷན་རྒྱས་གཞུང་ཚོགས་ ཚོགས་ཐེངས་ ༥༩ པ་ནང་ ཆ་འཇོག་གནང་ཡོད་པའི་ འབྲུག་རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་གྱི་སྲིད་བྱུས་དེ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ གཞི་བཀོད་དང་ངོས་ལེན་མཛད་ཡོདཔ་ཨིན། 

འབྲུག་རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་གྱི་སྲིད་བྱུས་ ༢༠༡༤ ཅན་མ་དེ་གིས་ མ་འོངས་ལོ་ཚུ་ནང་ རྒྱལ་ཁབ་ནང་རྒྱང་འཕྲིན་དང་རྒྱ་ཆེར་བརྒྱུད་ལམ་གྱི་ གཡོག་སྡེའི་གོང་འཕེལ་གྱི་ལམ་སྟོན་དང་བཟོ་བཀོད་ཚུ་འབད་འོང་། དེ་གིས་ གཡོག་སྡེའི་གོང་འཕེལ་དང་རྒྱ་སྐྱེད་ ག་དེ་སྦེ་གཏང་ནི་ཨིན་ནའི་སྐོར་ལས་ ལམ་སྟོན་དང་། དེ་ལས་ གཙོ་རིམ་དང་གཞི་རྩ་ཚུ་བྱིནམ་ཨིན།

སྲིད་བྱུས་ཀྱི་དམིགས་ཡུལ་ཚུ་ཡང་ ག་ར་ལུ་མཐུད་འབྲེལ་འབད་ནི་དང་། བཅའ་ཡིག་དང་སྒྲིག་གཞི་ཚུ་རྩ་བརྟན་བཟོ་ནི། རྒྱ་ཆེར་བརྒྱུད་ལམ་དང་བརྒྱུད་འཕྲིན་ཞབས་ཏོག་ཚུ་ ནུས་ཤུགས་ཅན་གྱི་ཚོང་ལམ་དང་ འགྲོ་སོང་གཏང་ཚུགསཔ་བཟོ་ནིའི་ཐད་ཁར་ སྣ་འཁྲིད་འབད་མིའི་ སྒེར་སྡེའི་མ་རྩ་བཙུགས་བཙུགསཔ་ཚུ་དང་འགྲན་བསྡུར་ཚུ་གི་དོན་ལུ་ བྱ་སྟབས་བདེ་བའི་མཐའ་འཁོར་གནས་སྟངས་གསར་གཏོད་འབད་ནི་ཚུ་ཨིན།  

Ethical and Responsible AI Guidelines 2026

Request Fulfillment SOP(GovNETs)

Asset Service SOP(GovNETs)

Problem Management SOP(GovNETs)

Acceptable Use Policy(GovNETs)

Level I Troubleshooting Guideline(GovNETs)

རྐྱེན་ངན་བྱུང་པའི་སྐབས་སུ་ བརྒྱུད་འཕྲིན་ཞབས་ཏོག་གི་དོན་ལུ་ ཐག་གཅད་ཀྱི་ གནས་ཚད་ལག་ལེན་བྱ་རིམ།

སྐུད་ཐག་འོད་རྒྱུན་རྒྱུ་དངོས་ཀྱི་དོན་ལུ་ འབྲེལ་ཡོད་གསུམ་པའི་གནོད་སྐྱོན་གུད་འཐུས་དང་ རིམ་སྒྲིག་གི་རིན་གོང་ཕྱིར་ལེན་འབད་ནིའི་ལམ་སྟོན།

སྐུད་ཐག་འོད་རྒྱན་ཕྱགས་སྙིགས་ བཀོ་ནིའི་ལམ་སྟོན།

སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡ ཅན་མའི་གནས་སྡུད་ཀྱི་གནས་ཚད་ལག་ལེན་བྱ་རིམ།

རྒྱལ་ཡོངས་སྐུད་ཐག་གློག་འབྲེལ་གྱི་གནས་ཚད་ལག་ལེན་བྱ་རིམ་དང་ལམ་སྟོན།

འབྲུག་རྒྱལ་ཡོངས་གནས་སྡུད་འཛིན་སྐྱོང་གཞི་བཀོད། གཞི་མཚམས་བརྟག་ཞིབ་ ༢༠༢༤ ཅན་མ།

ཨ་ལུ་ཡོངས་ཐོག་སྲུང་སྐྱོབ།

ཨ་ལུ་ཚུ་ཡོངས་ཐོག་སྲུང་སྐྱོབ་འབད་ནིའི་དོན་ལུ་ རྒྱལ་སྤྱི་རྒྱང་འཕྲིན་སྤྱི་ཚོགས་(ITU)ཀྱིས་འགོ་འབྱེད་འབད་ཡོད་པའི་ རྒྱལ་སྤྱིའི་འགུལ་སྐྱོད་པ་དང་འཁྲིལ་ཏེ་ འབྲུག་ལུ་ད་ལྟོ་ཡོད་པའི་ཨ་ལུ་ཡོངས་ཐོག་སྲུང་སྐྱོབ་ཀྱི་བརྩོན་ཤུགས་དང་བར་སྟབས་ཞུ་ཡོད་ཚུ་གི་ སྐབས་ཐོབ་དོན་ཚན་གུར་ ལེགས་ཞིམ་སྦེ་དབྱེ་དཔྱད་འབད་ཐོག་ལས་ འབྲུག་གློག་རིག་བྱུང་རྐྱེན་གདོང་ལེན་སྡེ་ཚན་(BtCIRT) གྱིས་ རྒྱལ་སྤྱི་རྒྱང་འཕྲིན་སྤྱི་ཚོགས་(ITU)དང་ འབྲུག་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་(NUICEF)དང་ མཉམ་འབྲེལ་འབད་ཐོག་ལས་ རྒྱལ་སྤྱི་རྒྱང་འཕྲིན་སྤྱི་ཚོགས་ཀྱི་ཨ་ལུ་ཡོངས་ཐོག་སྲུང་སྐྱོབ་ལམ་སྟོན་ ༢༠༢༠ ཅན་མ་ མཐུན་འགྱུར་བཟོ་ནི།

ནང་འཁོད་ཀྱི་གནས་སྟངས་གུར་བསྒྱུར་བཅོས་འབད་དེ་ བརྩོན་ཤུགས་བསྐྱེད་ནིའི་ཆ་ཤས་ཅིག་ཨིནམ་ལས་ ཨ་ལུ་དང་། ཕམ། སློབ་སྟོན་པ། བཟོ་གྲྭའི་ངོ་ཚབ། དེ་ལས་ སྲིད་བྱུས་བཟོ་མི་ཚུ་བརྩིས་ཏེ་ མཉམ་ལས་པ་སྡེ་ཚན་གཙོ་བོ་ལྔ་དང་གཅིག་ཁར་ ཨ་ལུ་ཡོངས་ཐོག་སྲུང་སྐྱོབ་གུར་ དམིགས་གཏད་སྡེ་ཚན་བསྟུན་གྲོས་ཀྱི་རིམ་པ་ཚུ་འབད་དེ་ཡོདཔ་མ་ཚད། དེའི་བཅུད་དོན་ཚུ་ཡང་ ཨང་ཅན་ས་ཁོངས་ནང་ ཨ་ལུའི་ཐོབ་དབང་ཚུ་སྲུང་སྐྱོབ་ངེས་བརྟན་བཟོ་ཐོག་ལས་ སྲིད་བྱུས་དང་ཚད་འཛིན་གྱི་ཐབས་ལམ་ཚུ་ རྒྱ་སྐྱེད་གཏང་ནིའི་ཆེད་དུ་ ཨ་ལུའི་ལམ་སྟོན་དང་གཅིག་ཁར་ མཉམ་སྡེབ་འབད་དེ་ཡོད།

མཉམ་ལས་པ་གཙོ་བོ་ཚུ་ནང་ལས་ ངོ་ཚབ་ཡོད་པའི་ ཨ་ལུ་ཡོངས་ཐོག་སྲུང་སྐྱོབ་(COP)ཀྱི་ ལས་བྱེད་ཚོགས་ཆུང་གི་ཐུགས་འཆར་ཚུ་ཡང་ ལམ་སྟོན་ཚུ་ནང་མཉམ་སྡོམ་འབད་ཡོད། ལམ་སྟོན་ཚུ་གནམ་མེད་ས་མེད་བཀོད་རྒྱ་ཅན་ཨིན་པའི་ཁར་ ཨ་ལུ་ཡོངས་ཐོག་སྲུང་སྐྱོབ་ཀྱི་དམིགས་གཏད་རིམ་པ་བཞིན་དུ་ ཕམ་དང་སློབ་སྟོན་པ། སྲིད་བྱུས་བཟོ་མི་དང་བཟོ་གྲྭ་ཚུ་གིས་ ཨ་ལུ་ཚུ་ཡོངས་ཐོག་ ཉེན་སྲུང་ཅན་སྦེ་བཟོ་ནི་ལུ་ཆ་རོགས་འབད་ནི་དང་ སྲུང་སྐྱོབ་མ་བཏུབ་བཏུབ་སྦེ་འབད་ཚུགསཔ་ངེས་བརྟན་བཟོ་ནི་ཚུ་བརྩིས་ཏེ་ དགོས་མཁོའི་བྱ་རིམ་ཚུ་ཡང་སྟོནམ་ཨིན།

ཨ་ལུ་ཡོངས་ཐོག་སྲུང་སྐྱོབ་ཀྱི་ནང་འཁོད་ལམ་སྟོན་ཚུ་འོག་ལུ་བཀོད་ཡོད་པ་ལྟར་དུ་འཚོལ།

འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་བཅའ་ཁྲིམས་ ༢༠༢༣ ཅན་མ།

ཕ་མའི་སྐྱོང་གཞག་ལག་དེབ།

འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་ཀྱི་བཅའ་ཁྲིམས་ ༢༠༡༨ ཅན་མ།

འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་ཀྱི་བཅའ་ཁྲིམས།

ནང་འཁོད་གཅིག་སྒྲིག་གློག་རིག་དང་གློག་འབྲེལ།

མཉེན་ཆས་གོང་འཕེལ་ལམ་སྟོན།

ཡིག་ཆ་དེ་གི་དགོས་མཁོ་འདི་ འབྲུག་གཞུང་ལུ་སྤྱོད་མཉེན་རིམ་ལུགས་ཚུ་ བཟོ་ནི་དང་ལག་ལེན་འཐབ་ནིའི་ལམ་སྟོན་ཚུ་འགྲེལ་བཤད་རྐྱབ་ནིའི་ཆེད་དུ་ཨིན། ཡིག་ཆ་འདི་ རིམ་ལུགས་ཚུ་བཟོ་ནིའི་སྦྱོར་ཐབས་ཅིག་མེན་ དེ་འབདཝ་ད་ ནང་འཁོད་མཐའ་འཁོར་ལུ་ མཐུན་འགྱུར་འབད་ཚུགས་པའི་ ལམ་སྟོན་རིམ་སྒྲིག་འབད་འབདཝ་ཨིན་ཟེར་ ཡིག་ཆ་ལྷག་མི་ཚུ་ལུ་ཞུ་ནི་ཨིན།

ཡིག་ཆ་འདི་ལུ་ ག་དེམ་ཅིག་གིས་གནས་དོ་ག་འདི་ རིམ་ལུགས་ཀྱི་འཛིང་ཉོག་དང་ གཅིག་སྡོམ་མང་ཧིང་དང་བསྟུན་ཏེ་འགྱོ་འོང་།

གློག་འབྲེལ་ཁག་འབག་ལམ་སྟོན།

ཡིག་ཆ་འདི་གིས་ ནང་འཁོད་ས་ཁོངས་གློག་འབྲེལ་(LAN)གྱི་དོན་ལུ་ རིན་བསྡུར་གྱི་དགོས་མཁོ་ཚུ་གྲ་སྒྲིག་འབད་ནི་ནང་ ལམ་སྟོན་བཟུམ་ཅིག་སྦེ་འགྱོ་བཏུབ་པའི་རེ་བ་སྐྱེདཔ་ཨིན། ཡིག་ཆ་འདི་ནང་ རིན་བསྡུར་གྱི་དགོས་མཁོ་ཚུ་གྲ་སྒྲིག་འབད་བའི་ནམ་དུས་ལུ་ དྲནམ་བཏོན་དགོ་པའི་ གལ་ཅན་གྱི་གནད་དོན་ཚུ་བཀོད་ཡོདཔ་ཨིན།

གསར་ཐོན་ཚོང་ལམ་ - བརྡ་དོན་འཕྲུལ་རིག་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས།

བརྡ་བརྒྱུད་ཀྱི་ཁྱབ་ཚད།

ཐིམ་ཕུག་འཕྲུལ་རིག་གླིང་ཀ།

Bhutan eGov Master Plan

གནས་སྡུད་འཛིན་སྐྱོང་ལས་སྟོན་ ༢༠༢༣ ཅན་མ།

གཞུང་གི་ཡོངས་འབྲེལ་གནས་ཚད།

གློག་ཐོག་གཞུང་སྐྱོང་བར་འབྲེལ་ལག་ལེན་གཞི་བཀོད། (E-GIF)

གློག་ཐོག་གཞུང་སྐྱོང་བར་འབྲེལ་ལག་ལེན་གཞི་བཀོད་ ཁོ་རའི་གོ་དོན་རྒྱ་ཆེ་བའི་དབང་དུ་གཏང་མ་ཅིན་ འབྲུག་གཞུང་ནང་འཁོད་ལུ་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་རིམ་ལུགས་ཚུ་ གཅིག་སྡེབ་འབད་ནི་དང་བར་འབྲེལ་ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ འཕྲུལ་རིག་གི་གནས་ཚད་དང་ལག་ལེན་དྲག་ཤོས་ཚུ་གསལ་སྟོན་འབད་ནིའི་ གཞུང་གི་ཚོང་ལཱའི་བཟོ་བཀོད་རིག་པ་ཅིག་ཨིན།

དེ་གིས་ གཞུང་གི་ལས་སྡེ་ཚུ་གི་ནང་འཁོད་ལུ་ རུབ་སྤྱོད་དང་མཉམ་རུབ་ལེགས་ཞིམ་སྦེ་འབད་བཏུབ་བཟོ་ནི་ལུ་ ལས་སྡེ་ཚུ་གིས་ ངེས་པར་དུ་དང་ལེན་འབད་དགོ་པའི་ གནས་ཚད་དང་ལམ་སྟོན་ཚུ་ ཆ་ཚང་སྦེ་གཞི་བཙུགས་འབདཝ་ཨིན།

ཁ་གསལ་གྱི་དོན་ལུ་ https://egif.dit.gov.bt

ནང་གཟིགས་གནང་།

ནཱ་བུ་གིས་ བརྡ་དོན་དང་འདྲི་དཔྱད་ཁ་སྐོང་གི་དོན་ལུ་ འོག་ལུ་བཀོད་ཡོད་པའི་ གློག་ཐོག་གཞུང་སྐྱོང་ལས་བྱེད་སྡེ་ཚན་དང་གཅིག་ཁར་ འབྲེལ་བ་འཐབ་རུང་བཏུབ།

༡. བརྒྱུད་འཕྲིན་ཨང་ ༣༢༣༢༡༥ (༣༠༤) ནང་། བློ་བཟང་རྒྱ་མཚོ། སྤྱོད་མཉེན་གོང་འཕེལ་སྡེ་ཚན་གྱི་འགོ་འཛིན།

གློག་ཐོག་གཞུང་སྐྱོང་རིམ་ལུགས།

འབྲུག་གཞུང་གིས་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་ ལག་ལེན་འདི་ ལོ་རིམ་བཞིན་དུ་ བརྟན་ཚད་འཐོབ་ནི་དང་ སྣ་ཁག་མངམ་འགྱོ་ནི་ནང་ལུ་ཡང་ འཕྲོ་མཐུད་འབདཝ་ཨིན། བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་དང་ ཁོང་གི་ཁྱད་རིག་གི་འགན་ཁུར་ཚུ་ལུ་རེ་འདོད་འདི་ ཤེས་ཡོན་དང་ཁྱབ་ཚད་གཉིས་ཆ་རའི་ཁ་ཐུག་ལུ་ འདྲ་མཉམ་སྦེ་ར་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན། གནས་སྟངས་དེ་གིས་ ཤེས་ཡོན་གྱི་ས་ཁོངས་སྣ་ཚོགས་ནང་ མཁས་མཆོག་གི་རིག་རྩལ་ཚུ་དང་ ཁྱད་རིག་གི་གནས་ཚད་མཐོ་དྲགས་ དགོཔ་སྦེ་སྟོནམ་ཨིན་མས། 

བཟོ་བཀོད་གྲུབ་གློག་ཐག་གནས་ཚད།

བརྡ་དོན་འཕྲུལ་རིག་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ གློག་འབྲེལ་གཞི་བཙུགས་འབད་ནི་ནང་ བཟོ་བཀོད་འབད་ཡོད་པའི་གློག་ཐག་བཙུགས་ནིའི་གནས་ཚད་ཚུ་ དང་ལེན་འབད་ནིའི་ རྒྱུད་སྐུལ་འབདཝ་ཨིན་མས། ཡིག་ཆ་འདི་གིས་ བཟོ་བཀོད་འབད་ཡོད་པའི་གློག་ཐག་བཙུགས་ནིའི་དཀའ་ངལ་དང་འབྲེལ་བའི་ འཆར་སྣང་ཚུ་གི་ ལམ་སྟོན་དང་ངོ་སྤྲོད་བཟུམ་ཅིག་སྦེ་འགྱོ་བཏུབ་པའི་རེ་བ་སྐྱེདཔ་ཨིན།

གནས་སྡུད་བར་འབྲེལ་ལག་ལེན་གནས་ཚད།

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་འོག་གི་ བརྡ་དོན་འཕྲུལ་རིག་ལས་ཁུངས་ཀྱིས་ ལྷན་ཁག་དང་ ལས་ཁུངས་ལས་སྡེ་ ལེ་ཤ་ཅིག་དང་གཅིག་ཁར་ བསྟུན་གྲོས་འབད་ཐོག་ལས་ གློག་ཐོག་གཞུང་སྐྱོང་གི་སྤྱོད་མཉེན་མང་རབས་ཅིག་ནང་ ལག་ལེན་འཐབ་ནིའི་དོན་ལུ་ གནས་ཚད་ཅན་གྱི་གསང་རྟགས་ཚུ་བཟོ་ཡོདཔ་ཨིན།

རྫོང་ཁའི་གནས་ཚད།

ཡིག་ཆ་འདི་གིས་ འོག་ལུ་ཡོད་པའི་ གློག་རིག་ནང་འཁོད་ལུ་ རྫོང་ཁ་ལག་ལེན་དང་འབྲེལ་བའི་ འབྲུག་གི་འཕྲུལ་རིག་གནས་ཚད་ཚུ་འཛིན་སྐྱོང་འབད་འོང་།

ཀ༽ རྫོང་ཁའི་མཁོ་ཆས་ཀྱི་དོན་ལུ་ ཁྱད་ཆོས་རྟགས་སྒྱུར་གནས་ཚད།

ཁ༽ རྫོང་ཁ་མཛུབ་གནོན་རྐྱབ་ནི་ལུ་ ལྡེ་སྒྲོམ་སྒྲིག་བཀོད་གནས་ཚད་བཟོ་བཟོཝ།

ག༽ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ཡུལ་ལུང་གི་རྫོང་ཁ་དང་ལམ་སྲོལ་གྱི་བརྡ་དོན།

འ་ནཱི་བརྡ་དོན་ཚུ་ ད་དུས་ཚོད་ཡོལ་སོཔ་ལས་ བརྡ་དོན་དུས་མཐུན་ཚུ་གཟིགས་ནིའི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://www.dzongkha.gov.bt/ ནང་གཟིགས་གནང་།

 

རྫོང་ཁའི་ལག་ཆ་དང་ལྡེ་སྒྲོམ་སྒྲིག་བཀོད་གསརཔ་གི་དོན་ལུ་ https://www.dzongkha.gov.bt/en/tools   གཟིགས་གནང་།

Accessibility Toolbar

Scroll to Top